བུ་ཆུང་གི་རེ་སྒུག།
ཨ་སྔོན་གནམ་གྱི་ཐུ་འོག་ན།
ཉི་མ་ཟླ་བ་སྤྲིན་གྱིས་བསྒྲིབས།
བྱིས་པའི་རྩེད་རྡོ་བསྒྲིག་མ་ཐུབ།
ཉི་མ་སེར་པོར་རེ་སྒུག་བྱས།
དོག་མོ་ས་ཡི་བང་རིམ་ནས།
སྤང་རྒྱན་མེ་ཏོག་སད་ཀྱིས་བཅོམས།
བྱིས་པའི་རྩེད་ཆས་འཐུ་མ་ཐུབ།
མེ་ཏོག་པད་མ་རེ་སྒུག་བྱས།
གངས་ཅན་བོད་ཀྱི་ལུང་པ་ནས།
རིག་བཟང་བུ་ཆུང་རྫི་ལ་སོང་།
ཤེས་རིག་ཡོན་ཏན་སྦྱང་མ་ཐུབ།
མ་ཡུམ་སློབ་གྲྭ་རེ་སྒུག་བྱས།
Link to this comment:
All Comments (0)