7 THE WOLF AND THE SHEEP (Teller: Gsang bdag)
Gsang bdag གསང་བདག, male, b.1936, illiterate, farmer, and is Mr. Shes rab's older brother. He was once famous for his singing of folksongs during the old times. In 2011, he was blind and spent most of his time in the village prayer-house, turning the prayer-wheel and reciting the Six Syllable mantra with other elders. He once was greatly interested in telling folktales but said now his grandchildren were uninterested in his stories.
ཐེངས་འདིར་ཁ་ན་ཏ་ཐེབས་རྩས་དམངས་སྒོར་༡༩༡༦༠༠ཡིས་ཞལ་འདེབས་གནངས་པར་བརྟེན་ནས། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་སྲུང་སྐྱོབ་བགྱི་བའི་ལས་གཞི་ཞིག་ལག་ཏུ་བསྟར་ཐུབ་པ་བྱུང་ལ། ལས་གཞི་འདི་བརྒྱུད་ནས་ཞོན་ཧྭ་ས་ཁུལ་གྱི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་སྐོར་ཅིག་ཨང་འཕྲིན་ཅན་དུ་བཏང་བ་དང་། ཕྱོགས་བསྡུས་བྱས་པའི་གཏམ་རྒྱུད་དག་བོདཡིག་ཏུ་ཕབ་ཅིང་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀར་བསྒྱུར་ནས་ས་གནས་སློབ་གྲྭ་སྐོར་ཅིག་ལ་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་རིག་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱ་བར་སྐུལ་འདེད་བྱས། དེར་མ་ཟད། ན་ཆུང་བྱིས་པ་དག་ལ་དམིགས་ནས་གཏམ་རྒྱུད་ཕྱོགས་བསྡུ་བྱས་སྐབས་སུ་ཕབ་པའི་ཡུལ་སྐད་ཀྱི་སྒྲ་དང་ཕྱིས་སུ་མཚོ་སྔོན་རླུང་འཕྲིན་ཁང་གིས་མདོ་འཛིན་པས་གཏམ་རྒྱུད་རྣམས་བསྐྱར་བཤད་བྱས་པའི་སྒྲ་རྣམས་ཀྱང་མཁོ་སྤྲོད་བྱས་ཡོད། ཐེངས་འདིའི་གཏམ་རྒྱུད་དག་ནི་སྤྱི་ལོ་༢༠༡༡ལོའི་ཟླ༩པར་ཞོན་ཧྭ་རྫོང་གི་བོད་རིགས་ས་ཁུལ་བིས་མདོ་དང་། རྡོ་སྦིས། ཀ་རིང་། རྐང་ཚ་བཅས་ཞང་བཞི་ནས་བསྡུས་ཤིང་། རྩོམ་འབྲི་དང་ལོ་ཙྰ་ནི་སྤྱི་ལོ་༢༠༡༡ལོའི་ཟླ ༡༢པའི་ཚེས་༢ཉིན་ཡོངས་སུ་འགྲུབ་པ་ཡིན།
ལས་གཞི་འདི་བརྒྱུད་ནས། དམངས་ཁྲོད་གཏམ་རྒྱུད་༤༩སྒྲར་ཕབ་ཅིང་། དེ་དག་དང་བསྐྱར་བཤད་བགྱིས་པའི་སྒྲ་རྣམས་CD ༦༠༠༠གི་ཐོག་དཔར་ཏེ་མཁོ་སྤྲོད་བྱས་ཡོད་པ་དང་། གཏམ་རྒྱུད་དེ་དག་བོད་ཡིག་ཏུ་ཕབ་རྗེས་རྒྱ་ཡིག་དང་དབྱིན་ཡིག་གཉིས་སུ་བསྒྱུར་ནས་ཤན་སྦྱར་གྱི་ཚུལ་དུ་དཔེ་དེབ་༦༠༠༠དཔར་ཡོད། གཞན་ཡང་ལས་གཞི་འདི་ལས་བྱུང་བའི་གྲུབ་འབྲས། དཔེ་དེབ་དང་སྒྲ་ཡོད་ཚད་དྲ་རྒྱའི་ཐོག་ཏུ་བཅུག་སྟེ་སུས་ཀྱང་ཀློག་ཐུབ་ཅིང་ཉན་ཐུབ་པར་བྱས་ཡོད་པས། ཁྱེད་ཀློག་པ་པོ་དང་ཉན་པོ་པོ་རྣམས་ཀྱི་མིག་གི་དཔལ་དང་རྣ་བའི་བཅུད་དུ་འགྱུར་བར་སྨོན།
Link to this comment:
All Comments (0)