Nomad girls from Tibet.
སྐྱིད་ཟེར་བ་ཨ་ཅོ་ཡར་འགྲོ་རེད། །ལྷ་ཇོ་བོ་སང་འཇལ་གནང་འཇལ་རེད། །སྐྱིད་ཟེར་བ་ཨ་ཅོ་མ་ཡོང་རེད། །དྲིན་ཕ་མ་སང་ཐུག་གནང་ཐུག་རེད། །
ངས་རི་མགོ་བརྒྱ་རིག་སྟོང་རིག་ལ། །དབུས་ལྷ་སའི་རི་མགོ་མི་རིག་གི །ཡང་མིན་ན་རི་མགོ་ནོར་བ་རེད། །ཡང་མིན་ན་རང་སེམས་འཁྲུལ་བ་རེད། །
བོད་ ཡུལ་ལྷ་ལྡན་ཆོས་རི། །འགྲོ་དྲུག་སྒྲིབ་སྦྱོང་བྱེད་ས། །སྐྱབས་མགོན་དྲུང་དུ་བཞུགས་དུས། །ཉི་མ་ལྷ་ས་དྲན་བྱུང་། །ནུབ་ཕྱོགས་མཐོ་པོའི་མཁའ་ལ། །ཆར་སྤྲིན་སྤྲིན་ནག་འཁྲིགས་ནས། །སྦྲང་ཆར་ཟིལ་མ་འབབ་དུས། །ཉི་མ་ལྷ་ས་དྲན་བྱུང་། །བྱ་ཞིག་ཡིན་ན་བསམ་བྱུང་། །བྱིའུ་ཞིག་ཡིན་ན་བསམ་བྱུང་། །ཉི་མ་ལྷ་སའི་ཕྱོགས་ལ། །འཕུར་རྒྱུ་བྱུང་ན་བསམ་བྱུང་། །
ང་འགྲོ་སྐྱིད་རྟ་ཕོའི་གོང་རེད། །རྟ་གོམ་ལག་བདེ་ན་ཡང་སྐྱིད་རེད། །ང་འདུག་སྐྱིད་མ་ལུས་རྒྱུད་རེད། །མ་ཁ་རུ་འཇམ་ན་ཡང་སྐྱིད་རེད། །
གླ་བ་རྒྱལ་མོ་ཉལ་ས་མཐའ་མགོ་རེད། །ཉལ་ཤེས་ན་མཐའ་མགོ་སྐྱིད་པོ་རེད། །མི་ཉམས་ཆུང་འགྲོ་ས་ས་མཐའ་རེད། །འགྲོ་ཤེས་ན་ས་མཐའ་སྐྱིད་པོ་རེད། །
very nice n pure.. like it lots..
drokpa1 11 months ago
ཕ་ཡུལ་གྷྱི་བུམོ་ངོ་མ་མཐོང་བར་དགའ་བྱུང་ངོ་།
khuru1 1 year ago