འགྱོད་པ་མེད།
མི་ལ་ལས་བུ་ང་བཟང་གི་ཟེར། མི་ལ་ལས་བུ་ངན་ཁི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག ངས་བླ་མ་དྲན་ནས་སྡུག་བསྔལ་འདི། ངས་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན། བསད་གཏོང་རུང་འགྱོད་པ་ང་མེད་ཁི།
མི་ལ་ལས་བུ་ང་བཟང་གི་ཟེར། མི་ལ་ལས་བུ་ངན་ཁི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག ངའི་སྔོན་ཆད་དཔའ་བོའི་མཛད་རྗེས་འདི། ངས་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན། བསད་གཏོང་རིང་འགྱོད་པ་ང་མེད་ཁི།
མི་ལ་ལས་བུ་ང་བཟང་གི་ཟེར། མི་ལ་ལས་བུ་ངན་ཁི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག བོད་དབང་མེད་རེད་ཅེས་གླུ་བླངས་ནས། གླུ་བླངས་ནས་མི་ཚེ་གཏོང་རྒྱུ་ཡིན། བསད་གཏོང་རུང་འགྱོད་པ་ང་མེད་ཁི།
Link to this comment:
All Comments (0)