http://www.56.com/u78/v_NTY2MDUxODc.html སྒ་སྐྱེ་རྒུ་དགོན གནས་འདི་འཛི་ཆེ་བའི་འཇིག་སྟེན་འདིར།། ལས་དགེ་སྡིག་བླང་དོར་མུན་པས་སྒྲོབ།། དེ་སེལ་བྱེད་དམ་ཆོས་འོད་སྣང་ཡིན།། ངེད་བླ་མ་བཅོ་ལྔའི་དུང་ཟླ་ཡིན།། དུས་རྒུད་པ་སྙིགས་མ་ལྔ་བདོ་འདི།། ཉམས་ཐག་པའི་འགྲོ་དྲུག་སེམས་ཅན་ལ།། ཆོས་བདུད་རྩི་ཆར་རྒྱུན་འབེབས་མཛད་མཁན།། ངེད་བླ་མ་ཐུགས་རྗེ་ཆེན་པོ་ཡིན།། རྒྱུད་སྨིན་བྱེད་དབང་གི་ཆུ་རྒྱུན་ལྡན།། སེམས་གྲོལ་བྱེད་བཀའ་ཁྲིད་བྱིན་རླབས་ཆེ།། ལམ་སྟོན་པའི་གདམ་ངག་སརྒ་ལྡན།། ངེད་བླ་མ་བཀའ་སྲིན་གསུམ་ལྡན་ཡིན།། སྐུ་ཆོས་གོས་གསེར་མདངས་ལམ་ལམ་ལམ།། གསུང་འགག་མེད་ཆོས་དབྱངས་ལྷང་ལྷང་ལྷང།། ཐུགས་མཁྱེན་གཉིས་འོད་སྟོང་འཚེར་རི་རི།། ངེད་བླ་མ་དཀོན་་ཆོག་གསུམ་དངོས་ཡིན།།
Link to this comment:
All Comments (0)