ཕྱི་ལོ་༢༠༡༠ཟླ་༡༢་ཚེས་༡༥་ཉིན་དཀར་མཛེས་ཧར་དྷི་དགོན་གྱི་བཙུན་མ་བྱམས་པ་ལྷ་མོ་ཁོང་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ནང་ཞུགས་པར་བརྟེན་ལོ་གཉིས་དང་ཕྱེད་ཀ་ལ་བཙོན་འཇུག་བྱས་ནས་གློད་བཀྲོལ་བཏང་སྐབས། ས་གནས་ཀྱི་སེར་སྐྱ་མང་ཚོགས་ཡོངས་ཀྱིས་ཕེབས་བསུ་གཟབ་རྒྱས་བྱས་པའི་སྐོར་གྱི་བརྙན་པར་འདི་ཏྲེ་ཧོར་པདྨ་ཚེ་དབང་ལགས་ཀྱིས་མཁོ་སྤྲོད་བྱས་པ་ལེགས།།
བཙུན་མ་བྱམས་པ་ལྷ་མོ་བཙོན་གྲོལ་ཐོབ་པར་དགའ་བསུ་ཚད་མེད་བྱུང། དཀར་མཛེས་ས་གནས་མི་མང་གིས་ཀྱང་དངོས་གནས་དགའ་བསུ་གྱ་ནོམ་པ་གནང་འདུག་ཐུགས་རྗེ་ཆེ་ཞུ་གི་ཡིན། གཅིག་ཞུ་འདོད་པ་ནི། ཁ་བཏགས་མགུལ་དུ་གཡོག་རྒྱུ་འདི་ལ་དོ་སྣང་གཅིག་དགོས་ངེས་འདུག ངོས་ཀྱི་དགེ་རྒན་དང་རྒན་རབས་རྣམས་ཀྱིས་རང་ལས་བསླབ་པ་རྒན་པ་དང། རྟེན་གྱི་ཆ་ནས་མཐོ་བ་ཡིན་ན་ཁ་བཏགས་མགུལ་དུ་མ་གཡོག་པར་ཕྱག་ཏུ་ཕུལ་དགོས། རང་ལས་འཐོབ་གོ་གནས་ཀྱི་ཆ་ནས་དམའ་བ་དང་། བསླབ་པ་གཞོན་པ་ཡིན་ན་ཁ་བཏགས་མགུལ་ལ་བཅུག་ཀྱང་རུང་ཞེས་ལམ་ལུགས་འདི་ལྟར་ཡོད་འདུག
pematsal1 1 day ago